联系我们

澳门金沙网站_澳门金沙网址_澳门金沙官方网站
电话:000-000-0000
传真:+00-000-0000
电话/传真:00000000000
邮箱:admin@bjqingyu.com
地址:广东省广州市天河区88号

新闻资讯

主页 > 新闻资讯 >

【汉藏双文】州委书记武玉嶂在参加十四届州人大五次会议玛沁代表团审议

日期:2019-05-14 02:40 作者:admin 阅读:

༄༅། །ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་ཡོད་པའི་རྨ་ཆེན་རྫོང་གི་འཐུས་མི་ཚོགས་པར་གྲོས་ཞིབ་བྱེད་པ།

州委书记武玉嶂在参加十四届州人大五次会议玛沁代表团审议

ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་ཡོད་པའི་རྨ་ཆེན་རྫོང་གི་འཐུས་མི་ཚོགས་པར་གྲོས་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།  འདས་པའི་ལོ་གཅིག་གི་ནང་རྨ་ཆེན་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནང་ལྟར། དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོང་། ཞང་སྡེ་དར་རྒྱས། དམངས་འཚོ་ལེགས་སྒྱུར།  མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་ལས་དོན་མང་པོ་བསྒྲུབས་ནས་ཕན་འབྲས་ངེས་ཅན་ཐོབ་ཡོད། ལོ་གསར་བའི་ནང་། རྨ་ཆེན་རྫོང་ཨུ་རྫོང་སྲིད་གཞུང་གིས་མཐུན་སྒྲིལ་ངང་རྫོང་ཡོངས་ཀྱི་མི་རིགས་ལས་བྱེད་མང་ཚོགས་རྣམས་ལ་སྣེ་ཁྲིད་དེ།  ཁུལ་ཨུ་ཁུལ་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གི་རེ་བ་ལྟར། གོ་སྐབས་འདུ་ཤེས་ཇེ་ཟབ་དང་སྔོན་ཐོན་འདུ་ཤེས་གསར་འཛུགས།  འགག་གཏོར་གསར་གཏོད་ལ་ཤུགས་སྣོན།  སྤྱོད་ཚུལ་དོན་འཁྱོལ་དམ་བཟུང་། ལས་གནས་འགན་གཉེར། དོན་གཉེར་དངོས་བཟུང་གིས་ལས་དོན་ཁག་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས་ཏེ།  ལོ་འཁོར་དམིགས་ཚད་ཀྱི་ལས་འགན་བདེ་ལེགས་ངང་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས་པར་བཤད། 

州委书记武玉嶂在参加十四届州人大五次会议玛沁代表团审议时强调,过去的一年玛沁县按照中央和省州委重大决策部署,在脱贫攻坚、保护生态、乡村振兴、民生改善、民族团结等方面做了许多工作,取得了一定成效。新的一年,玛沁县委县政府要团结带领全县各族干部群众,按照州委州政府工作部署要求,增强机遇意识,树立领先理念,强化突破创新,狠抓落实作风,履职担当,真抓实干,推动各项工作再上新台阶,确保圆满完成年度目标任务。

བུའུ་ཡུས་ཀྲང་གིས་ནན་ཏན་སྒོས་འཐུས་མི་རྡོ་བརྟན་དང་དཀོན་མཆོག  རྟ་མགྲིན་ཚེ་རིང་། བཱང་ཧྲི་ཆིན། སངས་འབུམ་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ཡང་དང་བསྐྱར་དུ་འཐུས་མི་རྣམས་ལ་བསམ་བློ་རྗེས་རེས་བྱས་ནས། གཞི་རིམ་གནས་ཚུལ་འདྲི་རྟོགས་དང་འཐུས་མིའི་དོགས་གཞིར་འགྲེལ་བཤད་གནང་།  གཞི་རིམ་འཐུས་མིའི་སེམས་ཁྲལ་དང་ཐུགས་ཁུར་བྱེད་བཞིན་པའི་ས་ཁོངས་ཡོངས་གད་སྙིགས་མེད་པ་གསར་འཛུགས་དང་། ས་ནག་ཐང་བཅོས་སྒྲིག   ཨ་བྲའི་གནོད་འཚེ་འགོག་བཅོས།  དབུལ་ཐར་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། ཞང་སྡེ་གཞུང་ལམ་དང་རྟ་བོ་གྲོང་རྡར་གྱི་རླངས་འཁོར་འཇོག་གནས་འཛུགས་སྐྲུན། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན། འཐུང་ཆུའི་བདེ་འཇགས། རྒྱན་འགྱེད་ཟིང་སྣང་བཅོས་སྒྲིག་སོགས་ཀྱི་དམངས་འཚོའི་རྒྱུན་གླེང་གི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་པ་མ་ཟད། རྫོང་ཨུ་རྫོང་སྲིད་གཞུང་དང་ཁུལ་འཕེལ་སྒྱུར། འགྲིམ་འགྲུལ། ཆུ་བེད། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་སྡེ་ཁག་གིས་ནན་ཏན་སྒོས་ཞིབ་འཇུག་བྱས་ནས། མགྱོགས་མྱུར་ངང་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 

武玉嶂认真听取了多布旦、关却、旦正才让、王世庆、桑本等代表发言,不时与代表们交流,询问了解基层情况,解答代表疑惑问题,就基层代表关心关注的全域无垃圾创建、黑土滩治理、鼠害防治、脱贫攻坚、产业发展、乡村公路和大武镇停车场建设、控辍保学、安全饮水、赌博乱象治理等民生热点问题逐一进行答复,并要求县委县政府和州发改、交通、水利、住建等部门认真研究、尽快解决。

འཐུས་མི་རྡོ་བརྟན་གྱིས“ཉེ་བའི་ལོ་འདིའི་རིང་། ཁུལ་ཨུ་ཁུལ་སྲིད་གཞུང་གིས་ང་ཚོའི་དགུ་སྟོད་སྡེ་བར་སེམས་ཁུར་ཧ་ཅང་ཆེན་པོ་གནང་ཡོད། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་དུས་རྒྱུན་ང་ཚོའི་དགུ་སྟོད་སྡེ་བར་ཡོང་སྟེ། ང་ཚོ་དང་མཉམ་དུ་དགུ་སྟོད་སྡེ་བའི་འཕེལ་རྒྱས་སྐོར་ལ་གྲོས་བསྡུར་གནང་ཞིང་། ང་ཚོ་ལ་རོགས་རམ་བྱས་ནས་དངོས་ཡོད་དཀའ་ངལ་མང་པོ་སེལ་བར་བྱས། དམངས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས།  ཐོབ་དཀའ་བའི་གོ་སྐབས་འདི་འདྲ་ཞིག་གི་ཁྲོད། ང་ད་དུང་སྡེ་བའི་མང་ཚོགས་ཀྱི་འཚབ་བྱས་ནས་བསམ་འཆར་དང་གྲོས་གཞི་ཁ་ཤས་བཤད་རྒྱུ་ཡིན། རེ་བར་ཏང་ཨུ་དང་སྲིད་གཞུང་གིས་ན་ནིང་དགུ་སྟོད་སྡེ་བར་བཀོད་སྒྲིག་བྱས་པའི་རྣམས་གྲངས་མགྱོགས་མྱུར་ངང་ལག་བསྟར་བྱེད་དགོས”ཞེས་གཏམ་བཤད་གནང་རྗེས། བུའུ་ཡུས་ཀྲང་གིས་བསྟན་དོན། “ཚོགས་ཆེན་གཉིས”ཀྱི་ཚོགས་བཀར་གྲོས་བསྡུར་ནང་ཞུགས་པ་ནི་དམངས་ཀྱི་སེམས་གཏམ་ལ་ཉན་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཏང་ཨུ་སྲིད་གཞུང་གི་ཚན་རིག་ཐབས་ཇུས་དང་དམངས་དོན་ལག་བསྟར་དམིགས་ཡུལ་གྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།  ཉེ་བའི་ལོ་འདི་འགའི་རིང་།  ཁུལ་ཨུ་ཁུལ་སྲིད་གཞུང་གིས་གཙོ་གནད་ལས་དོན་ཁག་ཅིག་བཀོད་སྒྲིག་བྱས་པ་ཚང་མ་འཕེལ་རྒྱས་ཀྱི་དགོས་མཁོ་དང་།  དམངས་འཚོའི་དགོས་མཁོ། གཞི་རིམ་གྱི་ཡར་ཞུས་བཅས་ལ་དམིགས་པ་ཡིན།  ད་ལྟ་དངོས་སུ་སྤེལ་བཞིན་པའི་ལས་བྱེད་པ་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོ་དང་འབྲེལ་ནས། ལས་བྱེད་པ་དངོས་གནས་གཞི་རིམ་དུ་སོང་སྟེ་སྡེ་བར་ཟབ་ཞུགས་དང་། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། དུས་ཚོད་ངེས་ཅན་ཞིག་གི་ནང་གཅིག་བསྡུས་ཀྱིས་སྡེ་བའི་ནང་གི་ལས་ཀ་ཡག་པོ་སྒྲུབ་པར་རོགས་རམ་བྱེད་དགོས། “ཧྲུའུ་ཅི་དང་པོ”དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ནུས་པ་འདོན་སྤེལ་བྱེད་ཚུལ་ལ་རྒྱུས་ལོན་བྱས་ནས།  གཏིང་རིམ་གྱི་རྒྱུ་རྐྱེན་ལ་ཞིབ་འཇུག་དབྱེ་ཞིབ་དང་།   རིགས་དགར་པའམ་རིམ་པ་ཕྱེ་ནས་གནད་འགག་འཚོལ་དགོས། མང་ཚོགས་ལ་སློབ་གསོའི་སྣེ་ཁྲིད་ཡག་པོ་བྱས་ནས། གོང་འོག་ཤུགས་སྒྲིལ་གྱིས་ཤུགས་འདོན་པ་རྒྱུན་འཁྱོངས་སྒོས། གཞི་རིམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པར་བསྟན།

在听到多布旦代表“近年来州委州政府非常关心我们格多村,州委武玉嶂书记经常到村里和我们一起商量格多的发展,帮助我们解决了许多实际困难。作为人大代表,在这样一个难得的机会里,我还是要代表村里的群众反映一些意见和建议,希望党委和政府能够加快实施去年安排给格多的项目”的发言后,武玉嶂指出参加“两会”分团讨论是听取民声民意的重要平台,是党委政府科学决策、践行为民宗旨的重要途径,近年来州委州政府对部分重点工作的安排都是着眼于发展需要、民生需求和基层反映。要结合正在开展的干部下乡活动,让干部真正沉下去,深入到村社,现场办公,集中一段时间帮助村里开展好工作,掌握了解“第一书记”和村“两委”班子作用发挥情况,研究分析深层次原因,分类分层次找准症结,教育引导好群众,上下合力,持续用力,把基层的问题解决好。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། བྱིས་པ་ནི་མེས་རྒྱས་ཀྱི་མ་འོངས་པ་དང་། མི་རིགས་བསྐྱར་དར་གྱི་རེ་བ། མགོ་ལོག་འཕེལ་རྒྱས་ཀྱི་རྒྱུན་འཛིན་པ་ཡིན་པས། བྱིས་པ་བདེ་ཐང་ངང་དཔྱིད་ཀའི་ལྗང་བུ་གསོ་བ་དང་ལོ་ཏོག་འདེབས་པ་ལྟར་འཚར་ལོངས་འབྱུང་དུ་འཇུག་དགོས། ཐོག་མའི་དུས་མཚམས་སུ་ང་ཚོའི་བྱིས་པ་ཚང་མ་སློབ་གྲྭར་བསྐྱོད་དེ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དང་གསོ་སྐྱོང་དང་ལེན་ཡག་པོ་བྱེད་དགོས། ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ། ཟི་ལིང་གི་མགོ་ལོག་སློབ་འབྲིང་འཛུགས་སྐྲུན་བྱས་པ་ནི། མགོ་ལོག་གི་མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དམིགས་པ་དང་། མགོ་ལོག་གི་མི་རིགས་རིག་གནས་རྒྱུན་འཛིན་དང་བྱིས་པའི་སློབ་སྦྱོང་གི་འཚར་ལོངས་ལ་དམིགས་ནས། དབུལ་བོའི་མི་རྒྱུད་སྤེལ་བ་རྩ་འགོག་བྱེད་རྒྱུ་དེ་ཡིན། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས《འོས་འགན་སློབ་གསོའི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ནན་ཏན་སྒོས་ཀྲུང་དབྱང་དབུལ་ཐར་འགག་སྒྲོལ་ཆེད་དོན་སྐོར་ཞིབ་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ཡག་པོ་བྱེད་དགོས་ལ།   སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས། ཧུར་ཐག་གིས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་འབྱུང་བར་སློབ་གསོའི་སྣེ་ཁྲིད་དེ་རང་འགུལ་གྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་དགོས་པར་བསྟན།

武玉嶂强调,孩子是祖国的未来,是民族复兴的希望,是果洛发展的接班人,要让孩子健康的成长起来,像春天育苗、种庄稼一样,在起步阶段让我们所有的孩子入校接受良好的国家义务教育和培育。州委州政府始终高度重视民族教育的发展,实施西宁果洛中学建设,就是着眼于果洛民族教育事业发展,着眼于果洛民族文化的传承和孩子学习成长,从根子上阻断贫困的代际传递。各级党委政府要严格贯彻执行《义务教育法》,认真做好中央脱贫攻坚专项巡视反馈问题整改,坚决做好控辍保学工作,要积极教育引导群众转变思想观念,主动送子女入学。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ཞིང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚད་མཐོན་པོའི་ངང་ལོ་འཁོར་དམིགས་ཡུལ་ལས་འགན་ལེགས་འགྲུབ་འབྱུང་བར་རྨ་ཆེན་རྫོང་གིས་གོ་སྐབས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་དགོས།  ད་ལོ་ནི་དབུལ་ཐར་འགག་སྒྲོལ་ངེས་འཐབ་ངེས་རྒྱལ་གྱི་ལོ་དང་ཞང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་སྦྲེལ་མཐུད་ཀྱི་ལོ་གལ་ཆེན་ཞིག   རྨ་ཆེན་གྱི་རྫོང་འཐེན་གྲོང་ཁྱེར་འཛུགས་པའི་འགག་རྩའི་དུས་སྐབས་ཡིན་པས།   དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། “མགོ་ལོག་གི་འཕེལ་རྒྱས་རྨ་ཆེན་ལ་ལྟ་དགོས་ལ། རྨ་ཆེན་གྱི་འཕེལ་རྒྱས་རྟ་བོ་ལ་ལྟ་དགོས།”ཞེས་པ་དེ་ཡིན། རྟ་བོ་དང་རྭ་རྒྱ་ཚང་མ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྐར་ཁུང་དང་སྣང་བརྙན་འགྲེམ་སྟོན་གྱི་སྟེགས་བུ་ཡིན་པས། གོམ་གང་མདུན་སྤེལ་སྒོས་འཕེལ་རྒྱས་ཀྱི་གོ་སྐབས་འདུ་ཤེས་གཏིབ་ཟབ་ཏུ་བཏང་སྟེ།   དབུལ་ཐར་འགག་སྒྲོལ་གྱི་ལས་འགན་གལ་ཆེན་དང་ཞང་སྡེ་དར་རྒྱས་ཀྱི་འཆར་འགོད་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩི་དགོས། ཁུལ་ཡོངས་ཀྱི་སྤྱིའི་འཕེལ་རྒྱས་ལ་དམིགས་ནས། གནས་ཁུལ་དང་ཁུལ་སྲིད་གཞུང་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གྱིས་ལས་དོན་ཁག་ལ་འཆར་འགོད་སྐུལ་འདེད་བྱེད་དགོས། སྔོན་ཐོན་གྱི་འདུ་ཤེས་འཛུགས་པ། རྨ་ཆེན་རྫོང་ནི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་པའི་ཆ་ནས། ཁུལ་ཡོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཡིན་ལ། ཁུལ་ཨུ་ཁུལ་སྲིད་གཞུང་གིས་རྨ་ཆེན་རྫོང་གི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད། རིམ་པ་ཁག་གི་ལས་བྱེད་པས་རང་རྟོགས་ཀྱིས་སྔོན་ཐོན་འདུ་ཤེས་བཙུགས་ནས། “རྒན་པའི”གཟུགས་བརྙན་དོར་ཏེ་རང་ཉིད་ཀྱི་བར་ཐག་མཐོང་ཐུབ་དགོས།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ། ཞང་སྡེ་དར་རྒྱས། རྫོང་ཕྱིར་འཐེན་གྱི་གྲོང་ཁྱེར་འཛུགས་པ། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། ཁྲིམས་སྐྱོང་འཛུགས་སྐྲུན་བཅས་དང་།  ཁུལ་ནང་ཁུལ་བསྡུར་བ། གཞན་པའི་ཁུལ་སྲིད་གཞུང་གནས་ཡུལ་ལ་བསྡུར་བ་བཅས་ཀྱིས་སྒོས་ནས། འཕེལ་རྒྱས་མི་གཏོང་བའམ་འཕེལ་རྒྱས་དལ་ན་རྗེས་སུ་ལུས་པའི་ཉམས་ཉེན་གྱི་འདུ་ཤེས་ཡོད་དགོས། དམ་ལྷོད་རྣམ་གཡེང་རྒྱུན་འཁྱོངས་བྱས་ན་ཚད་བརྒལ་མི་ཐུབ་པའི་སད་བརྡ་བཏང་སྟེ། གོ་སྐབས་དམ་འཛིན་དང་རང་འགུལ་ལས་ཞུགས། རང་རྟོགས་ངང་དཔེ་ལེགས་ཅན་གྱི་མིག་དཔེ་བསྟན་ནས།  ནུས་ཤུགས་ཡོད་དགུས་ཁུལ་ཡོངས་ཀྱི་མདུན་དུ་བསྐྱོད་དགོས།  འགག་སྒྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།  རྫོང་འཐེན་གྲོང་ཁྱེར་འཛུགས་པའི་གོ་སྐབས་ཆེན་པོ་དམ་པོར་དམིགས་ཏེ། གང་ནས་ཚད་བརྒལ་ཡོང་བ་དང་ཕྱོགས་གང་གི་ཐད་ལ་གསར་གཏོར་བྱེད་དགོས་པར་བསམ་བློ་གཏིང་ཟབ་བཏང་ནས། གྲོང་ཁྱེར་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་དམ་འཛིན་ནན་མོ་དང་།  གྲོང་ཁྱེར་གྲོང་རྡལ་གྱི་སྣང་བརྙན་ཡག་འཛུགས། སྡེ་བའི་རྣམ་པ་བཅོས་སྒྲིག་ལ་དམ་འཛིན་གྱིས་རྟ་བོ་དང་རྭ་རྒྱ་གྲོང་རྡལ་ཚད་མཐོན་པོའི་འཆར་འགོད་འཛུགས་སྐྲུན་ཇུས་འགོད་བྱས་ནས། དོན་འཁྱོལ་ཡོང་བར་བརྩོན་ལེན་ཧུར་ཐག་བྱེད་དགོས། ས་ཁོངས་ཡོངས་གད་སྙིགས་མེད་པ་ནས་མགོ་ཚུགས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ལས་མགོ་བཙུགས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་སྒྲོལ་གནས་དང་ཕྱིར་བགྲོད་ལམ་བུ་འཚོལ་ཐུབ་དགོས། ཆུང་ས་ནས་བཟུང་སྟེ་གྲོང་ཁྱེར་གྲོང་རྡལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཕྲོད་བསྟེན་ནས་བཟུང་སྟེ་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པ། སྒྲིག་བཀོད་ནས་བཟུང་སྟེ་སྤྱི་སྤྱོད་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། དྲིལ་བསྒྲགས་ནས་བཟུང་སྟེ་མགོ་ལོག་འཕེལ་རྒྱས། གཏན་འཇགས། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་སྣང་བརྙན་གསར་བ་འཛུགས་དགོས།  སྤྱོད་ཚུལ་དམ་བཟུང་ནན་མོ་བྱེད་པ།  བཀོད་སྒྲིག་བཅུ་དང་དོན་འཁྱོལ་དགུ་ཡིན་པའི་འགག་རྩ་དོན་འཁྱོལ་ལ་ཐུག་ཡོད་པས། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ་ནས་བཟུང་སྟེ། སྟོབས་ལྡན་གྱི་ཤུགས་ནུས་དང་སྟོབས་ལྡན་གྱི་ལས་བྱེད། སྟོབས་ལྡན་གྱི་སྤྱོད་ཚུལ་བཅས་འཛུགས་དགོས་ལ། རིམ་པ་ཁག་གི་ལས་བྱེད་པར“ཐོག་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་པ་དང་། ཐོག་མའི་དམག་འཐབ་ལ་ང་ཡོད་པ། ནུས་ཤུགས་གང་ཡོད་འདོན་ཐུབ་པའི”ཡིད་ཆེས་བརྟན་པོར་བརྟེན་ནས། ཞང་གྲོང་རྡལ་ཚང་མ་འཛུགས་སྐྲུན་ཡག་པོ་དང་ལས་ཀ་ཡོད་ཚད་ལ་སྐུལ་འདེད་ཡག་པོ་བྱས་ནས། དོན་འཁྱོལ་ཡག་པོ་ཡོང་བར་བྱེད་དགོས་པར་བསྟན།

武玉嶂强调,贯彻落实省州委全会和“两会”精神,高质量完成年度目标任务,玛沁县要增强机遇意识。今年是脱贫攻坚的决战决胜之年、乡村振兴战略实施衔接的重要之年、玛沁撤县建市的关键时候,从一定意义上讲,“果洛发展看玛沁,玛沁发展看大武”,大武和拉加都是全州发展的窗口、形象展示的平台,要进一步增强发展的机遇意识,把脱贫攻坚的重要任务、把乡村振兴的规划建设当成发展的重要机遇,着眼于全州发展大局,发挥区位和州府驻地优势,谋划推动各项工作。树立领先理念。玛沁县作为州府所在,是全州经济政治文化的中心,州委州政府始终高度重视玛沁的发展,各级干部要自觉树立领先的理念,放下“老大”的身段,看到自己的差距,围绕经济社会发展、脱贫攻坚、乡村振兴、撤县建市、社会治理、民族团结、法治建设与州内比、与其它州府所在地比,树立不发展、发展慢就会落后的危机意识,保持松紧懈怠就会被超越的警醒,紧抓机遇,主动进位,自觉努力当标兵、做榜样,奋力走在全州前面。强化突破创新。要紧紧围绕撤县建市大机遇,深入思考从哪里突破,在什么方面创新?狠抓城镇基础设施建设,树立好城镇的形象,抓好村容村貌整治,大武和拉加镇要高标准谋划规划建设,积极争取落实;从全域无垃圾入手、从特色产业发展入手,找到县域经济发展的突破口、走出路子,从小处抓起强化城镇管理,从卫生抓起加强人居环境整治,从设施抓起完善公共服务设施建设,从宣传抓起打造树立果洛发展稳定团结和谐的新形象。狠抓落实作风。十分部署,九分落实,关键是落实。要从干部队伍作风过硬抓起,打造精锐的力量、精锐的干部、精锐的作风,激励各级干部以“首战必胜、首战有我、尽锐出师”的坚定信心,把所有的乡镇建设好,把所有的工作推动好、落实好。

澳门银河官网 澳门金沙网址 澳门博彩在线网址 澳门葡京游戏平台 光明棋牌网站 马来西亚云顶山庄赌场网址 澳门葡京赌场平台 宝宝计划软件 mg电子游戏 威尼斯人赌城注册 新濠天地网站游戏 澳门赛马会网站官网 地方棋牌游戏 澳门太阳城官网平台 大赢家棋牌