联系我们

澳门金沙网站_澳门金沙网址_澳门金沙官方网站
电话:000-000-0000
传真:+00-000-0000
电话/传真:00000000000
邮箱:admin@bjqingyu.com
地址:广东省广州市天河区88号

新闻资讯

主页 > 新闻资讯 >

【汉藏双语】州委书记武玉嶂在班玛县调研脱贫攻坚工作时强调:发扬“钉钉子”精神 迎难而上 扎实整改 坚决打赢脱贫攻

日期:2019-05-14 02:41 作者:admin 阅读:

ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་པདྨ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།

“གཟེར་མ་གདབ་པའི”སྙིང་སྟོབས་དར་སྤེལ་སྒོས། དཀའ་ངལ་ལ་མི་འཛེམ་པར་དག་ཐེར་ཏན་ཏིག་བྱས་ནས།དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་དང་དབུལ་པོ་དབུལ་རྐྱང་གི་མི་འབོར་ཁྱོན་ཡོངས་ནས“གཙང་ཐིག”ཡོང་པར་ཆོད་སེམས་ཡོད་དགོས།

州委书记武玉嶂在班玛县调研脱贫攻坚工作时强调:发扬“钉钉子”精神 迎难而上  扎实整改    坚决打赢脱贫攻坚战和实现绝对贫困人口全面“清零”


  ཟླ༤ ཚེས ༢༣ ཉིན་ནས་ཚེས ༢༤ ཉིན་བར།  ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་པདྨ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་།མདོ་གོང་མ་ཞང་གི་དབུལ་སྐྱོར་སྐྱེ་ལྡན་ལུད་ཀྱི་རྣམ་གྲངས་འཛུགས་སྐྲུན་ས་གནས་དང་། སྨར་དང་པོ་སྡེ་བ། སྨར་ཁོག་ཞང་།སེ་ལེ་ཐང་གྲོང་རྡལ།མཚེར་མདའ་ཐང་གི་ཡུལ་གཞན་གནས་སྤོའི་གཅིག་བསྡུས་བཀོད་འཇོག་ས་གནས། རྫོང་སྲིད་དོན་ཞབས་ཞུའི་ཚོམས་ཆེན།གེ་སར་སྐུ་མགྲོན་ཁང་ཆེན་མོ།ལྕགས་རི་ཐང་ཞང་གི་བོད་ཇ་འདེབས་འཛུགས་རྟེན་གཞི་བཅས་ལ་སོང་ནས། རྫོང་དང་ཞང་། སྡེ་བའི་ལས་བྱེད་མང་ཚོགས་དང་མཉམ་དུ་ཡུལ་དངོས་ནས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་ལ་གྲོས་བསྡུར་གནང་ཞིང་།དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་གནང་།ཁོས་ནན་གྱིས་བཤད་དོན། དབུལ་ཐར་འགག་སྒྲོལ་ནི་འཐབ་འཛིང་རྒྱལ་ལེན་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ལ། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་པ་ཚོས།ངེས་པར་དུ་ངོས་འཛིན་གསལ་བོ་རྒྱུན་འཁྱོངས་དང་འགུལ་སྐྱོད་མཐའ་འཁྱོལ་བྱས་ནས། ནན་ཏན་སྒོས་ཀྲུང་དབྱང་གི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ། ལྷག་པར་ད་ལོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཀན་སུའུ་འཐུས་མི་ཚོགས་པ། ཁྲུང་ཆིན་བརྟག་ཞིབ་དང་ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། “གཟེར་མ་གདབ་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་འཐབ་འཛིང་ལ་ཤུགས་འདོན་པ་དང་དཀའ་ངལ་ལས་མདུན་སྐྱོད་བྱེད་དགོས་པ། ནན་ཏན་སྒོས་ཀྲུང་དབྱང་དབུལ་སྐྱོར་ཆེད་དོན་སྐོར་ཞིབ་ཀྱིས་བཏོན་པའི་གནད་དོན་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་བརྡ་ཁྱབ་གནང་བའི་གནད་དོན་ཁག་དག་ཐེར་ལེགས་པོ་བྱས་ནས།དབུལ་ཐར་འགག་སྒྲོལ་ འཐབ་འཛིང་ལ་རྒྱལ་ཁ་ཐོབ་པ་དང་།དབུལ་བོ་དབུལ་རྐྱང་གི་མི་འབོར་ཁྱོན་ཡོངས་ནས“གཙང་ཐིག”ཡོང་བར་ཆོད་སེམས་ཡོད་དགོས་པར་བསྟན།

4月23日至24日,州委书记武玉嶂在班玛县调研脱贫攻坚工作,深入多贡麻乡扶贫有机肥料项目建设点、玛当吾村,马可河乡,赛来塘镇采青滩易地扶贫搬迁集中安置点,县政务服务大厅,格萨尔大酒店,江日堂乡藏雪茶种植基地,与县乡村干部群众现场共商打赢脱贫攻坚战举措,实地解决困难问题。他强调,脱贫攻坚进入决战决胜的关键时期,各级党委政府和广大干部务必保持清醒认识,行动坚决,认真贯彻落实中央部署和习近平总书记对脱贫攻坚特别是在今年十三届全国人大二次会议甘肃代表团、重庆调研和中央政治局会议上发表的重要讲话精神,按照省委省政府工作要求,发扬“钉钉子”精神,尽锐出战,迎难而上,扎实做好中央扶贫专项巡视反馈问题和省扶贫开发局通报问题整改,坚决打赢脱贫攻坚战和实现绝对贫困人口全面“清零”。

 བུའུ་ཡུས་ཀྲང་མདོ་གོང་མ་ཞང་གི་སྐྱེ་ལྡན་ལུད་ཀྱི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་དང་།སྨར་དང་པོ་སྡེ་བར་སོང་ནས་བརྟག་ཞིབ་གནང་སྐབས། དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་དང་དབུལ་སྐྱོར་མ་དངུལ་དོ་དམ་བྱེད་པ་ཚད་ལྡན་དུ་བཏང་སྟེ།གྲོས་དོན་ལམ་ལུགས་འཐུས་ཚང་དང་སྤྱི་བསྒྲགས་མངོན་གསལ།  མིང་བསྒྲགས་སྤྱི་ཁྱབ་སྒོས་དབུལ་བོའི་མང་ཚོགས་ལ་དབུལ་སྐྱོར་མ་དངུལ་གཏོང་ཕྱོགས་དང་ཁེ་སྤོགས་བགོ་བཤའི“རྩིས་ཐོ”ལེགས་པར་སྤྲོད་དགོས་པ་མ་ཟད། ནན་ཏན་སྒོས་དབུལ་བོའི་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་ཞིབ་བཤེར་བྱས་ནས། དབུལ་བོའི་ཁྱིམ་ཚང་གི་བདེ་འཇགས་སྡོད་ཁང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་།གཅིག་གྱུར་སྒོས“ཚོན་ལྕགས་ཁང་བའི” གནད་དོན་དེ་མཐུན་སྦྱོར་དག་ཐེར་གྱི་ལས་ཀ་ཡག་པོ་སྒྲུབ་དགོས་པར་བཤད།དབུལ་སྡེ་ཕྱིར་འཐེན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“མི་ཕུད་པ་བཞི” དང “ཕྱག་ཟུང་གིས་འཛིན་པའི”བླང་བྱ་དོན་འཁྱོལ་བྱེད་དགོས་ལ། མགྱོགས་མྱུར་སྒོས་ཐོན་ལས་འཕེལ་རྒྱས་གསོ་སྤེལ་བྱས་ནས། མི་སེར་གྱིས་རང་ཉིད་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་སྲིད་ཇུས་རོགས་སྐྱོར་དང་ནུས་རྩལ་མཐོ་འདེགས་ཀྱིས་རོགས་སྐྱོར་བྱེད་དགོས་པ། འབྲོག་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཅུང་བཟང་པོའི་ས་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོང་དང་།རྩྭ་ཕྱུགས་དོ་སྙོམས་ཡོང་བའི་རྨང་གཞིའི་ཐོག  ཡུལ་བབ་དང་བསྟུན་ནས་ཐོན་ལས་ཀྱི་ཞན་ཆ་ལ་ཁ་གསབ་བྱེད་དགོས་པ། ཤུགས་ཆེན་པོས་སྐྱེ་ཁམས་མཉམ་ལས་འཕེལ་རྒྱས་སུ་བཏང་ནས།སྡེ་བའི་ཐུན་མོང་མ་དངུལ་གསོ་སྤེལ་དང་ཇེ་རྒྱས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་སྒོས།དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། མཉམ་ལས་ཁང་གི་འཁོར་གཉེར་དོ་དམ་ལ་ཤུགས་སྣོན་ནས་ཁྱད་ལྡན་གྱི་ཐོན་ལས་གསོ་སྤེལ་དང་།མང་ཚོགས་ལས་བརྩོན་ཕྱུག་འགྱུར་གྱི་ཕྱོགས་ལ་སྣེ་ཁྲིད་དགོས་པ། དབུལ་ཐར་འགག་སྒྲོལ་གྱི་ཆོད་སེམས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་དབུལ་ཐར་བྱེད་པར་འགན་ལེན་ཡོད་དགོས་པར་བསྟན།

武玉嶂在多贡麻乡扶贫有机肥料项目建设点、玛当吾村调研时强调,加强扶贫产业建设,规范扶贫资金管理,完善议事制度,公开透明,张榜公示,向贫困群众交好帮扶资金投向、受益分红的“明白账”。认真开展贫困群众住房安全核查,解决好贫困户安全住房问题,统筹做好“彩钢房”问题协调整改工作。退出脱贫村要落实习近平总书记“四个不摘”和“两手抓”的要求,加快培育和促进产业发展,从政策扶持、能力提升上扶持老百姓增强自我发展能力。畜牧业生产基础较好的地区,在保护草场生态、实现草畜平衡的基础上,因地制宜,补齐产业短板,大力发展生态畜牧业,培育和壮大村集体经济,增加群众收入,巩固脱贫成果。要加强合作社运营管理,培育扶持特色产业,带动群众勤劳致富,增强脱贫攻坚的决心,为全面脱贫提供保障。

བུའུ་ཡུས་ཀྲང་གིས་སྨར་ཁོག་ཞང་དུ་བརྟག་ཞིབ་གནང་སྐབས། ཁུལ་རྫོང་གི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་གཞི་རིམ་ལས་བྱེད་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། ནན་ཏན་སྒོས་ཞང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས།ཞང་གྲོང་རྡལ་གྱི་ལས་བཟོ་བའི་ལས་ཀའི་འཚོ་བའི་ཐད་ལ་ཁོར་ཡུག་ བཟང་པོ་ཞིག་སྐྲུན་དགོས་པར་བཤད།ས་ཁུལ་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་དུ་སྐྲུན་པ་དང་འབྲེལ་ནས། ངོས་འཛིན་ཇེ་མཐོ་དང་འགུལ་སྐྱོད་ཇེ་མགྱོགས་སྒོས། ཆེས་མཛེས་པའི་བོད་མཁར་དང་ཆེས་མཛེས་པའི་ཡུལ་སྡེ་འཛུགས་སྐྲུན་གྱི་དམིགས་ཡུལ་སྟེང་།ཞང་དང་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་དང་ཆུ་རྐ་གཙང་བཅོས་བྱས་ནས།ཞིང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་མཛེས་སྡུག་ ལྡན་པ་ཞིག་འཛུགས་སྐྲུན་བྱ་དགོས་པར་བསྟན།

武玉嶂在马可河乡调研时指出,州县各级党委、政府要关心关爱基层干部,认真研究解决乡镇基础设施建设问题,给乡镇干部职工工作生活营造良好环境。结合打造全域无垃圾示范州,要提高认识,迅速行动,以建设最美藏寨、最美乡村为目标,治理乡镇环境卫生,清理河道,建设农牧区优美人居环境。

བུའུ་ཡུས་ཀྲང་གིས་མཚེར་མདའ་ཐང་གི་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་འདུས་ སྡོད་ས་ཚིགས་སུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཡུལ་གཞན་གནས་སྤོའི་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས་དབུལ་བོ་མང་ཚོགས་ལ་སྡོད་ཁང་གསར་བ་བསྐྲུན་དགོས་ལ། བཟོ་སྐྲུན་སྤུས་ཚད་ལ་དོ་དམ་ནན་མོ་སྒོས་དོན་བཟང་ལེགས་པར་སྒྲུབ་དགོས་པ་བསྟན། དབུལ་ཐར་བརྟན་པོ་ཡོང་བའི་ཡུན་ཕན་གྱི་ལམ་སྲོལ་འཚོལ་ཞིབ་གསར་འཛུགས་སྒོས།གསོ་སྦྱོང་ནུས་ཤུགས་ཆེ་རུ་གཏོང་ བ་དང་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བྱས་ནས།གནས་སྤོ་མང་ཚོགས་ལ་གཏན་འཇགས་ཀྱི་ ལས་ཞུགས་ལས་གནས་དང་ཡོང་སྒོ་ཡོད་པར་བྱེད་དགོས་པ།མུ་མཐུད་དུ་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་རྗེས་མཐུད་རོགས་སྐྱོར་མཚམས་མ་ཆད་པར་ཡག་པོ་སྒྲུབ་པ་དང་།དབུལ་སྐྱོར་དང་མཉམ་དུ་བློ་སྐྱོར་རིག་སྐྱོར་བྱེད་པ་ཟུང་འབྲེལ་སྒོས་དབུལ་བོ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ནང་བསམ་བློའི་སྒུལ་ཤུགས་འཕེལ་བར་བྱེད་དགོས་པ་བསྟན།

武玉嶂在采青滩易地扶贫搬迁集中安置点调研时强调,实施好易地搬迁项目,为贫困群众盖新房,要严格工程质量管理,把好事办好。要探索建立稳定脱贫长效机制,加大培训力度,促进转移就业,让搬迁群众有稳定的就业岗位和收入。持续不断做好易地扶贫搬迁后续帮扶,加强扶贫同扶志扶智结合,激发群众脱贫增收内生动力。

བུའུ་ཡུས་ཀྲང་གིས་པདྨ་རྫོང་གི་ལས་བྱེད་རྣམས་དང་བཞུགས་མོལ་གནང་སྟེ་རྫོང་ཡོངས་ཀྱི་དག་ཐེར་ལས་དོན་དང་ལས་རིགས་སྡེ་ཁག༡༢ བྱ་བའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས།ནན་ཏན་སྒོས་ཀྲུང་དབྱང་དབུལ་སྐྱོར་ཆེད་དོན་སྐོར་ཞིབ་གྱིས་བཏོན་པའི་གནད་དོན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་བརྡ་ཁྱབ་གནང་བའི་གནད་དོན་དག་ཐེར་མཐར་ཕྱིན་བྱེད་དགོས་ལ།འདི་པདྨ་རྫོང་དང་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལའང་འབྲེལ་བ་དམ་པོ་ཡོད་པར་བསྟན།པདྨ་རྫོང་གིས་ནན་ ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་གྱི་གསུང་བཤད་གལ་ཆེན་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ ལག་བསྟར་གཏིང་ཟབ་བྱས་ནས།  གནད་དོན་གྱི་ཕྱོགས་སྟོན་འབུར་ཐོན་དང་།གནད་ཁེལ་གྱི་ཚད་གཞི་འབུར་ཐོན།  མགོ་ཁྲིད་ལས་བྱེད་ཀྱི་སྣེ་ཁྲིད་འབུར་ཐོན།དངོས་སྒྲུབ་ཀྱི་བླང་བྱ་འབུར་ཐོན་བཅས། སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་རྩ་འཛུགས་བྱས་ནས།“གཟེར་མ་གདབ་པའི”སྙིང་སྟོབས་དར་སྤེལ་ངང་བློ་སེམས་གཅིག་སྒྲིམ་གྱི་ཞིབ་འཇུག་གིས་གནད་ཁེལ་དབུལ་ཐར་བྱེད་དགོས་པར་བཤད། རྫོང་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་དབུལ་ཐར་འགག་སྒྲོལ་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས།རང་ཉིད་དངོས་སུ་དམག་སྤྱི་བྱེད་པ་དང་རང་ཉིད་དངོས་སུ་དམག་སྐྱོད་ལ་ཞུགས་ཏེ་རང་ངོས་ནས་མྱོང་ཚོར་ལེན་དགོས་པ། ཏང་སྲིད་ཀྱི་ལས་བགོས་མགོ་ཁྲིད་དང་ས་གནས་ཁག ལས་རིགས་ཁག་གི་འགན་ཁུར་བ་གཙོ་བོས་སྲིད་ཇུས་ངོས་ལེན་དང་སྲིད་ཇུས་དབྱེ་ཞིབ།སྲིད་ཇུས་ལག་བསྟར་བྱེད་པ་མིག་དཔེ་སྟོན་ཐུབ་དགོས་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མ་མཐའི་ཚད་ཐིག་འགན་འཁྲིའི་བླང་བྱར་དམིགས་ནས། དབུལ་ཐར་འགག་སྒྲོལ་ཁྲོད་དབུལ་བོ་མང་ཚོགས་གཅིག་ཀྱང་སྐྱུར་མི་རུང་བའི་བླང་བྱ་དང་།སྡོད་ཁང་གསར་བ་རེ་རེ། ལམ་ཕྲན་གསར་བ་རེ་རེ། འཐུང་ཆུའི་ཁྲོན་པ་རེ་རེ།སློབ་མ་རེ་རེའི་སློབ་ཞུགས། སྐྱོབ་བཅོས་ནད་པ་རེ་རེའི་རྣམ་གྲངས་ལག་བསྟར་དང་འགན་ལེན་དོན་འཁྱོལ་ཐུབ་ཅིང་།མི་གཅིག་ཀྱང་མི་ལྷག་པར་བྱེད་དགོས་པ། ཚེམ་དྲུབ་ནུས་རྩལ་བཀོལ་ནས་གནད་ཁེལ་གྱི་ཚད་གཞི་ལྟར།མཐོང་ཐུབ་པའི་རུས་མཁྲེགས་དེའི་འགན་ཁུར་གཏན་ཁེལ་བྱས་ནས། ཐེ་ཚོམ་སྤུ་ཙམ་མེད་པའམ་རང་འགན་གཞན་དཀྲི་གཏན་ནས་མི་བྱེད་པར་བློ་ཐག་རྦད་ཆོད་ཀྱིས་བཏོག་དགོས་པ།  ཞིབ་ཚགས་སྒོས་རྨང་གཞིའི་གཞི་གྲངས་དང་།རྣམ་གྲངས་མ་དངུལ་བསྡུ་སྒྲིག་སོགས་ཀྱི་ཞན་ཆའི་གནད་འགག་ཞིབ་བསྡུར་བྱེད་པ་དམ་འཛིན་བྱས་ནས།གནད་ཁེལ་དབུལ་ཐར་ལ་ཆད་ནོར་མེད་པར་གནད་ཁེལ་མིའི་སྟེང་དུ་ཐོན་པ་དང་མང་ཚོགས་ཀྱིས་ངོས་ འཛིན་གཅིག་མཐུན་ཡོང་བ།གནད་ཁེལ་དབུལ་ཐར་ལ་ལོ་རྒྱུས་ཀྱིས་ཚད་འཇལ་ཐུབ་པའི་འགན་ལེན་ཡོད་དགོས་པར་བསྟན།

武玉嶂在与班玛县干部座谈,听取全县整改工作和12个行业部门工作情况介绍后强调,认真彻底抓好中央扶贫专项巡视反馈问题和省扶贫开发局通报问题整改,关系班玛县和全州脱贫攻坚成效。班玛县要认真深入学习贯彻习近平总书记对脱贫攻坚系列重要讲话精神,突出问题导向,突出精准标准,突出领导干部带头,突出实干要求,凝心聚力,组织精锐力量,发扬“钉钉子”精神,潜心研究、精准脱贫。县党政主要负责同志深入分析研究脱贫攻坚工作,亲自挂帅、亲自出征、亲力亲为,党政分管领导和各地区、各部门主要负责人要做领会政策、分析政策、落实政策的表率,紧扣“两不愁三保障”底线任务要求,把脱贫攻坚一个贫困群众都不能落下的要求落实到每一座新房、每一条路、每一口饮水井、每一个学生入学、每一个疾病救治项目的实施和保障,不落下一人。要下足绣花功夫,对表对照精准标准,对已经看到的硬骨头,要明确责任,毫不迟疑,决不推诿,坚决啃下。要抓好精细核对基础数据、整合项目资金等薄弱环节,确保精准脱贫没有误差,精准到人,群众知晓认同,确保精准脱贫经得起经验。

བུའུ་ཡུས་ཀྲང་གིས་བསྟན་དོན།དབུལ་ཐར་འགག་སྒྲོལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སེམས་ཁྲལ་བྱེད་ བཞིན་པའི་ལས་དོན་གལ་ཆེན་ཞིག་ཡིན། པདྨ་རྫོང་གི་རིམ་པ་ཁག་གི་ལས་བྱེད་ཚོས“པདྨའི་ཉམས་མྱོང”རིམ་འཕར་གྱི་པར་གཞི་བཟོ་སྐྲུན་ལས་ཀ་གཞི་རྟེན་དུ་བཟུང་སྟེ།དུས་ད་ལྟ་ནས་བཟུང་། རྫོང་ཡོངས་ཀྱི་ལས་བྱེད་པས་བློ་བདེ། ལྷོད་བབ།ནན་ཏན་གྱིས་ཆབ་སྲིད་འགན་འཁྲི་ཇེ་ཆེ་དང་གནད་དོན་དག་ཐེར་དམིགས་འབེན་གྱིས།སྤྱོད་ཚུལ་ལེགས་བཅོས་དང་ངར་བསྐྱེད་དམག་འཐབ།ཏང་གཤིས་སྦྱོང་བརྡར།  ཉམས་སད་ཐེག་ལེན་གྱི་དམིགས་བསལ་བྱེད་ཐབས་སྤྱད་ནས་འགག་སྒྲོལ་ལས་དོན་བདེ་ལེགས་ངང་སྒྲུབ་པ་དང་།  མི་ཚེ་ལ་བཀྲག་མདངས་འཚེར་བར་བྱེད་དགོས་པ་བསྟན།

武玉嶂强调,脱贫攻坚是习近平总书记最牵挂的一件大事。班玛县各级干部以打造“班玛经验”升级版为载体,从现在起,全县干部要安心、下沉、踏实,强化政治责任,着眼问题整改,转变作风,尽锐出战,磨练党性,经受考验,用非常之举圆满完成攻坚拔寨收官,实现人生出彩。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།དབུལ་ཐར་འགག་སྒྲོལ་ནི་ཕམ་མི་རུང་བའི་དམག་འཐབ་དྲག་པོ་ཞིག་ཡིན། པདྨ་རྫོང་གིས་རྩ་འཛུགས་དང་མང་ཚོགས། ས་གནས་འཕེལ་རྒྱས་བཅས་ལ་ཚད་མཐོན་པོའི་འགན་འཁུར་དགོས།རྣམ་གྲངས་འཛུགས་སྐྲུན་ལག་བསྟར་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་པར་རྩ་འཛུགས་བྱས་ནས།རྣམ་གྲངས་འཆར་འགོད་དེ་དབུལ་ ཐར་འགག་སྒྲོལ་དང་མང་ཚོགས་གྱི་རེ་འདུན་ཆེན་པོ་ལ་དམ་དུ་སྦྲེལ་དགོས།  མི་སེར་གྱི་དོ་ཁུར་བྱེད་བཞིན་པའི་ཆུ་གློག་ལམ་འཕྲིན་དྲ་བའི་གནད་དོན་དེ་ཐག་གཅོད་ཏན་ཏིག་བྱེད་དགོས་པར་བསྟན།

武玉嶂强调,脱贫攻坚是一场输不起,输不得的硬仗。班玛县要对组织、群众和地区发展高度负责,组织实施项目建设与脱贫攻坚有机结合,项目规划紧盯脱贫攻坚和群众最期盼的需求,切实解决好老百姓关切的水电路讯网问题。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ནས།གཞི་རིམ་ཏང་རྩ་ འཛུགས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་དེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ལ།རིམ་པ་སོ་སོའི་མགོ་ཁྲིད་དང་རྒྱ་ཆེ་ཏང་ཡོན་ལས་བྱེད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ལོ་ རྒྱུས་འགན་འཁྲི་ཁུར་ཏེ“སྣེ་ཁྲིད་པའི”ནུས་པ་འདོན་དགོས།གནད་དོན་གྱི་ཕྱོགས་སྟོན་འབུར་ཐོན་དང་འདུ་ཤེས་ཀྱི་ཚད་ཐིག  འགན་འཁྲིའི་ཚད་ཐིག་དང་སྤྱོད་ཚུལ་བཅོས་སྒྱུར་སྒོས་ལས་བྱེད་པའི་སེམས་ཁྲལ་སེལ་གང་ཐུབ་བྱེད་དགོས།དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་པ་དང་དམངས་ཀྱི་འཚོ་བའི་བདེ་སྐྱིད་ཀྱི་ཉེན་ཁའི་འདུ་ཤེས་དང་།  དགོས་གཏུག་འདུ་ཤེས། འགན་འཁྲི་འདུ་ཤེས་བཅས་ལེགས་བཅོས་བྱས་ནས།  ཏང་འཛུགས་སྐྱོང་དང་རྩ་འཛུགས་ནུས་པ་མཐོ་འདེགས།ཏང་གི་དོ་དམ་དང་ཏང་ནན་སྐྱོང་གི་ཞིབ་བཤེར་ཐེག་པ། ངར་ཤུགས་གཅིག་སྒྲིམ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་དེ་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དབུལ་བོ་ དབུལ་རྐྱང་གི་མི་འབོར་ཁྱོན་ཡོངས་ནས“གཙང་ཐིག”བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་དགོས་པར་བསྟན།

武玉嶂强调,加强基层党组织建设,发挥好基层党组织带领群众脱贫攻坚的战斗堡垒作用,各级领导和广大党员干部担负起脱贫攻坚历史责任,真正起到“领头雁”作用。突出问题导向、底线意识、底线任务,转变作风,力戒干部心浮气躁,增强脱贫攻坚、改善民生福祉的危机感、紧迫感和责任感,经受党的建设、组织能力提升、从严管党治党的检验,一鼓作气,迎难而上,实现打赢脱贫攻坚战、绝对贫困人口全面“清零”收官目标。

ཁུལ་དཔོན་གཞོན་པ་ཀྲང་བུན་ཆིན་དང་ཁུལ་ཨུའི་གཞུང་ལས་ཁང་།ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་དབུལ་སྐྱོར་གསར་སྤེལ་ཅུས།ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཉམ་དུ་བརྟག་ཞིབ་གནང་།

副州长张文庆及州委办公室、州委宣传部、州扶贫开发局、州农牧和科技局等有关部门负责同志随同调研。